བོད་ཡིག་

གཞན་ཕན་ཚོགས་པ་ནི་གསར་དུ་འབྱོར་བའི་བོད་རིགས་ཚོ་ལ་རོགས་པ་བྱ་རྒྱུ་དང་། ཡིག་བསྒྱུར་དང་སྙན་ཞུ་བྲི་རྒྱུ་སོགས་ལ་རམ་འདེགས་བྱེད་ཀྱི་ཡོད། ཚོགས་པའི་ངོས་ནས་ལམ་སྟོན་དང་ངོ་སྤྲོད་གཅིག་པོ་མིན་པར་ཕན་ཚུན་བར་ལ་བཀའ་མོལ་དང་གྲོས་སྡུར་བྱ་རྒྱུ་ཡང་ཡིན། དུས་ཚོད། གཞུང་འབྲེལ་གུང་སེང་མ་གཏོགས། རེས་གཟའ་ཟླ་བ་ཆུ་ཚོད་ 18:15 to 20:00 ཡིན། ལས་ཁུངས་ལ་ངེས་པར་དུ་ཐོ་བཀོད་མི་དགོས་ལ་དངུལ་ཡང་སྤྲད་མི་དགོས་པར་རིན་མེད་ཀྱང་ཡིན། གལ་སྲིད་དྲ་རྒྱ་ e-mail དང་ WhatsApp བརྒྱུད་ནས་འབྲེལ་བྱ་ཐུབ་ན་དེ་བས་ཀྱང་བཟང་། འབྲེལ་བ་བྱེད་སྐབས་ཡིག་ཆ་ཆ་ཚང་བ་ཞིག་བསྣམས་ཕེབས་རོགས་གནང་། རེས་གཟའ་མིག་དམར་ནས་པ་སངས་ལ་དྲ་རྒྱ་བརྒྱུད་ནས་བསྐུར་བའི་འཕྲིན་ཡིག་རྣམས་ལྟ་རྒྱུ་དང་། གལ་སྲིད་ངག་ཐོག་ནས་བསྐུར་ན་ཡང་ཉན་གྱི་ཡོད། གཞན་ཕན་ཚོགས་པ་ནང་ལ་མཉམ་བཞུགས་དང་རྒྱབ་སྐྱོར་བྱ་འདོད་ཡོད་ན་ཚོགས་པའི་ངོས་ནས་དགའ་བསུ་ཡོད།

Verein Tibeter Jugend in Europa (VTJE)
Tibetan Youth Association in Europe (TYAE)
c/o Shenpen
Binzstrasse 15
8045 Zurich
Phone: +41 76 517 87 57
E-mail: shenpen@vtje.org